བརྟག་དཔྱད་དབྱེ་ཞིབ་དང་སྒེར་གསང་སྐོར་གྱི་གསལ་བསྒྲགས།

གསར་སྒྱུར་ཚེས་གྲངས། 2023 ལོའི་ཟླ་ 3 ཚེས་ 6 ཉིན།

བརྟག་དཔྱད་དབྱེ་ཞིབ་ནི་ཧྭ་ཝེ་མཐའ་སྣེ་ཚད་ཡོད་ཀུང་སིས་ (གཤམ་དུ་ང་ཚོའམ་ཧྭ་ཝེ་ཞེས་འབོད།) ཁྱེད་ལ་ཁྱིམ་ཡོངས་རིག་ལྡན་སྒྲིག་ཆས་ཀྱི་ཆག་སྐྱོན་བརྟག་དཔྱད་དང་ཆག་སྐྱོན་གཞི་གྲངས་ལྡོག་སྐྱེལ་མཁོ་འདོན་བྱེད་པའི་ཞབས་ཞུ་ཡིན། ཧྭ་ཝེ་ཡིས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་དང་སྒེར་གསང་སྲུང་སྐྱོང་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་བཅའ་ཁྲིམས་ཀྱི་བླང་བྱ་དང་ལས་རིགས་ཀྱི་བྱང་ཆུབ་པའི་བདེ་འཇགས་ཚད་གཞི་གཞིར་བཟུང་ནས། ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་དེ་མཚུངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཐབས་མཁོ་འདོན་བྱ་རྒྱུ་ཡིན།

པར་གཞི་བསྒྱུར་བཅོས་གསལ་བཤད།

ཁྱེད་རང་ལ་དེ་བས་ལེགས་པའི་བཟོ་ལྗོངས་ཉམས་གསོའི་ཉམས་ལེན་མཁོ་འདོན་བྱེད་ཆེད། ང་ཚོས་ཁང་པ་ཧྲིལ་བོའི་རིག་ལྡན་རྒྱང་རིང་བཟོ་ལྗོངས་བཀོད་སྒྲིག་གི་ས་བཅད་གསར་དུ་བསྣན་ཡོད།

སྙིང་བསྡུས།

ཆག་སྐྱོན་བརྟག་དཔྱད་དང་ཆག་སྐྱོན་གཞི་གྲངས་ལྡོག་འདྲེན་བྱེད་པའི་གོ་རིམ་ཁྲོད་དུ། ཁྱེད་ཀྱི་སྒྲིག་ཆས་ཀྱི་ཆ་འཕྲིན་དང་ཉེར་སྤྱོད་ཀྱི་ཆ་འཕྲིན། ཁྱེད་ཀྱིས་རང་འགུལ་གྱིས་ཡར་སྐྱེལ་བྱས་པའི་གཞི་གྲངས་བཅས་ཧྭ་ཝེ་རྒྱང་རིང་ཞབས་ཞུ་སྟེགས་བུར་སྐུར་སྲིད་དེ། ཁྱེད་ཀྱི་སྒྲིག་ཆས་ཆག་སྐྱོན་བྱུང་བའི་རྒྱུ་རྐྱེན་དབྱེ་ཞིབ་བྱེད་ཅིང་ཁྱེད་ལ་ཆག་སྐྱོན་ཐག་གཅོད་བྱེད་པའི་ཐབས་ཇུས་མཁོ་འདོན་བྱེད་པར་སྤྱོད།

ཐད་སྦྲེལ་ཁ་པར་ནང་སྡོད་མཁན་གྱི་མི་སྣས་ཁྱེད་རང་ལ་བཟོ་ལྗོངས་སྒྲིག་འགོད་རམ་འདེགས་བྱེད་སྐབས། ང་ཚོས་ཁྱེད་རང་གི་བཟོ་ལྗོངས་སྒྲིག་འགོད་དང་སྒྲིག་ཆས་ཀྱི་ཆ་འཕྲིན་ (དཔེར་ན། SN དང་སྒྲིག་ཆས་ཀྱི་མིང་སོགས།) ལ་ལྟ་དགོས། འོན་ཀྱང་བཟོ་ལྗོངས་སྒྲིག་འགོད་རམ་འདེགས་བྱེད་སྐབས་ང་ཚོས་ཁྱེད་རང་གི་ཆ་འཕྲིན་གང་ཡང་བསྡུ་རུབ་བྱེད་ཀྱི་མ་རེད།

ཁྱེད་ཀྱིས་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་གསལ་ཐོ་ལ་ལྟ་སྤྱོད་བྱེད་པ་བརྒྱུད་ནས་མགྱོགས་པོར་བརྟག་དཔྱད་དབྱེ་ཞིབ་ལས་སྒོས་མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་པའི་དམིགས་ཡུལ་དང་བྱེད་ཐབས། ཁྱབ་ཁོངས་བཅས་ལ་རྒྱུས་ལོན་བྱ་ཆོག

1 ང་ཚོས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཇི་ལྟར་འཚོལ་བསྡུ་དང་བེད་སྤྱོད་བྱེད།

ང་ཚོས་བརྟག་དཔྱད་དབྱེ་ཞིབ་བྱས་ནས་ཁྱེད་རང་ལ་གཤམ་གྱི་ལས་སྒོའི་རྩོལ་ནུས་མཁོ་འདོན་བྱེད། ཁྱེད་རང་གིས་འབྲེལ་ཡོད་ལས་སྒོའི་རྩོལ་ནུས་བེད་སྤྱོད་པའི་བརྒྱུད་རིམ་ཁྲོད་ང་ཚོས་གཤམ་གྱི་རྩོལ་ནུས་མཁོ་འདོན་བྱེད་པར་ངེས་པར་དུ་མཁོ་བའི་ཆ་འཕྲིན་ཐག་གཅོད་བྱས་ནས་ང་ཚོའི་གན་རྒྱའི་འོས་འགན་ལག་བསྟར་བྱེད་བདེ་པོ་ཡོང་བ་བྱེད་ཀྱི་རེད། གལ་ཏེ་ཁྱེད་ཀྱིས་འབྲེལ་ཡོད་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ཁྱེད་ཀྱིས་ཉེར་སྤྱོད་འདིའི་འབྲེལ་ཡོད་རྩོལ་ནུས་སྤྱོད་པར་ཤུགས་རྐྱེན་ཐེབས་སྲིད།

1.1 ཆག་སྐྱོན་བརྟག་དཔྱད་དང་ཆག་སྤྱོན་གཞི་གྲངས་ལྡོག་སྐྱེལ་རྩོ་ལུས།

ཆག་སྐྱོན་བརྟག་དཔྱད་དང་ཆག་སྐྱོན་གཞི་གྲངས་ལྡོག་སྐྱེལ་རྩོལ་ནུས་མངོན་འགྱུར་བྱེད་ཆེད། ང་ཚོས་ཁྱེད་རང་གི་གཤམ་གསལ་གྱི་ཆ་འཕྲིན་འཚོལ་བསྡུ་བྱེད།

སྒྲིག་ཆས་ཀྱི་ཆ་འཕྲིན་དུ། སྒྲིག་ཆས་ཀྱི་གསལ་བྱེད་རྟགས་ (SN) དང་སྒྲིག་ཆས་ཀྱི་མཁྲེགས་ཆས་ཀྱི་ཆ་འཕྲིན། བཀོལ་སྤྱོད་རྒྱུད་ཁོངས་ཀྱི་པར་གཞི། ROM པར་གཞིའི་ཨང་རྟགས། རྒྱུད་ཁོངས་རྣམ་པའི་ཆ་འཕྲིན། རྒྱུད་ཁོངས་ཀྱི་བཀོད་སྒྲིག་གི་ཆ་འཕྲིན། རྒྱུད་ཁོངས་ཀྱི་ཉིན་ཐོ་བཅས་ཚུད་ཡོད།

ཉེར་སྤྱོད་ཀྱི་ཆ་འཕྲིན་དུ། ཁང་མིག་གི་མིང་དང་བརྟག་དཔྱད་མཇུག་འབྲས། ཉེར་སྤྱོད་ཀྱི་པར་གཞིའི་ཨང་བཅས་ཚུད།

ཁྱེད་ཀྱིས་རང་འགུལ་གྱིས་ཡར་སྐྱེལ་བྱས་པའི་གཞི་གྲངས་སུ། པར་རིས་དང་ཡི་གེའི་ཆ་འཕྲིན། སྒྲ་ཟློས། བརྙན་ཟློས་བཅས་ཚུད།

ང་ཚོས་གོང་སྨྲས་ཀྱི་ཆ་འཕྲིན་སྤྱད་དེ་ཁྱེད་ཀྱི་སྒྲིག་ཆས་ལ་ཆག་སྐྱོན་ཤོར་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པ་མ་ཟད་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་འདོན་སྲིད།

གལ་ཏེ་ཁྱེད་ཀྱིས་ཆ་འཕྲིན་འདི་རིགས་འདོན་སྤྲོད་མ་བྱས་ཚེ། ང་ཚོས་ཁྱེད་ལ་ཆག་སྐྱོན་དབྱེ་ཞིབ་དང་ཆག་སྐྱོན་གཞི་གྲངས་ལྡོག་འདྲེན་རྩོལ་ནུས་འདོན་སྤྲོད་བྱེད་མི་ཐུབ།

1.2 ཁང་པ་ཧྲིལ་བོའི་རིག་ལྡན་རྒྱང་རིང་བཟོ་ལྗོངས་སྒྲིག་འགོད།

ཁྱེད་རང་ལ་རྒྱང་རིང་ནས་བཟོ་ལྗོངས་རྒྱུན་ལྡན་མིན་པ་ཐག་གཅོད་བྱེད་པར་རོགས་རམ་བྱེད་ཆེད། ང་ཚོས་ཁྱེད་རང་ལ་ཁང་པ་ཧྲིལ་བོའི་རིག་ལྡན་རྒྱང་རིང་བཟོ་ལྗོངས་སྒྲིག་འགོད་ཞབས་ཞུ་མཁོ་འདོན་བྱས་ཡོད། ཁྱེད་རང་གི་བཟོ་ལྗོངས་རྒྱུན་ལྡན་མིན་པའི་གནས་ཚུལ་ཐོན་སྐབས། ཁྱེད་རང་གིས་ཐད་སྦྲེལ་ཁ་པར་ཨང་གྲངས་ (950800) བརྒྱུད་ནས་ང་ཚོའི་ཐད་སྦྲེལ་ཁ་པར་སྡོད་མཁན་མི་སྣར་འབྲེལ་བ་བྱས་ཆོག་པ་མ་ཟད། སྡོད་མཁན་མི་སྣར་རྒྱང་རིང་ནས་ཁྱེད་རང་གི་རང་སྒྲིག་བཟོ་ལྗོངས་ཆ་འཕྲིན་ཐོབ་པ་དབང་སྤྲོད་བྱས་ཆོག དེ་རྗེས་ཐད་སྦྲེལ་ཁ་པར་སྡོད་མཁན་མི་སྣས་ཁྱེད་རང་ལ་བཟོ་ལྗོངས་སྒྲིག་འགོད་ལེགས་སྒྲིག་བྱེད་པར་རོགས་རམ་བྱེད།

ཐད་སྦྲེལ་ཁ་པར་སྡོད་མཁན་མི་སྣས་བཟོ་ལྗོངས་སྒྲིག་བཀོད་བྱེད་པའི་བར། ཁྱེད་རང་གི་ཁ་པར་སྡོད་མཁན་མི་སྣར་ཁྱེད་རང་གི་སྒྲིག་ཆས་རེའུ་མིག་དང་། SN སྒྲིག་ཆས་ཀྱི་མིང་། DeviceId ཡི་ཆ་འཕྲིན་ཐོབ་པ་དབང་སྤྲོད་བྱས་ནས་བཟོ་ལྗོངས་བཀོད་སྒྲིག་ལ་སྤྱོད་དགོས། འོན་ཀྱང་ང་ཚོས་ཁྱེད་རང་གི་བརྙན་མིག་དང་། སྒོ་ལྕགས། སྲོ་སྒམ་སོགས་ཚོར་བ་སྐྱེན་པའི་སྒྲིག་ཆས་ཀྱི་ཆ་འཕྲིན་རག་ཐབས་བྱེད་ཀྱི་མ་རེད། ཐད་སྦྲེལ་ཁ་པར་སྡོད་མཁན་མི་སྣས་ཁྱེད་རང་ལ་རྒྱང་རིང་ནས་བཟོ་ལྗོངས་བཀོད་སྒྲིག་གི་རོགས་རམ་བྱེད་པའི་བར། ང་ཚོས་ཁྱེད་རང་གི་བཟོ་ལྗོངས་དང་སྒྲིག་ཆས་ཀྱི་ཆ་འཕྲིན་གང་ཡང་ཉར་ཚགས་བྱེད་ཀྱི་མ་རེད།

2 ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པ།

ང་ཚོས་ནར་མ་སོན་མཁན་གྱི་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱ་རྒྱུར་མཐོང་ཧ་ཅང་མཐོང་ཆེན་བྱེད། ཧྭ་ཝེ་ཡིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་གཞིར་བཟུང་ནས་ནར་མ་སོན་མཁན་ལ་ཞབས་ཞུ་མཁོ་འདོན་བྱེད་པ་མ་ཟད། ནར་མ་སོན་མཁན་ལ་སྲུང་སྐྱོབ་མཁོ་འདོན་བྱེད། གལ་ཏེ་ཁྱེད་ནི་ལོ་ན་མ་སོན་པའི་མི་ཡིན་ན། ཁྱེད་ཀྱི་ཕ་མའམ་གཞན་གྱི་ལྟ་སྐྱོང་བྱེད་མི་གཞན་གྱིས་ཁྱེད་ཀྱིས་ཉེར་སྤྱོད་འདི་བཀོལ་སྤྱོད་བྱེད་པར་མོས་མཐུན་དང་འབྲེལ་ཡོད་ཉེར་སྤྱོད་ཀྱི་ཞབས་ཞུའི་དོན་ཚན་ལ་མོས་མཐུན་བྱེད་དགོས། ཕ་མའམ་གཞན་གྱི་ལྟ་སྐྱོང་བྱེད་མིས་ཀྱང་འོས་ཤིང་འཚམ་པའི་སྔོན་འགོག་བྱ་ཐབས་སྤྱད་ནས་ལོ་ན་མ་སོན་པར་སྲུང་སྐྱོབ་བྱ་དགོས་ཏེ། དེའི་ནང་དུ་ཁོ་ཚོས་ཉེར་སྤྱོད་འདི་བེད་སྤྱོད་བྱ་བར་ལྟ་སྐུལ་བྱ་རྒྱུ་ཚུད་ཡོད།

ལྷག་པར་དུ། གལ་ཏེ་ཁྱེད་ནི་བྱིས་པ་ (ལོ་བཅུ་བཞི་མ་འདང་བའི་ནར་མ་སོན་པའི་མི།) ཡིན་ཚེ། ཁྱེད་ཀྱིས་ང་ཚོའི་ཞབས་ཞུ་བེད་སྤྱོད་མ་བྱས་གོང་། ཁྱེད་ཀྱི་ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དང་མཉམ་དུ་གསལ་བསྒྲགས་འདི་དང་ང་ཚོས་ཆེད་དུ་གཏན་ལ་ཕབ་པའི་ཧྭ་ཝེའི་འཛད་སྤྱོད་པའི་ལས་སྒོའི་བྱིས་པའི་སྒེར་གསང་སྲུང་སྐྱོབ་ཀྱི་གསལ་བསྒྲགས་ (https://consumer.huawei.com/cn/privacy/child-policy) ཞིབ་ཏུ་དཔེ་ཀློག་གནང་རྒྱུའི་བརྡ་གཏོང་དགོས་པ་མ་ཟད། ཁྱེད་ཀྱི་ཕ་མའམ་ལྟ་སྐྱོང་བྱེད་མི་གཞན་དག་གིས་མོས་མཐུན་ནམ་མཛུབ་སྟོན་བྱས་རྗེས། ང་ཚོའི་ཞབས་ཞུ་བེད་སྤྱོད་དམ་ང་ཚོར་ཆ་འཕྲིན་མཁོ་འདོན་བྱེད་དགོས། གལ་ཏེ་ཁྱེད་ནི་བྱིས་པའི་ཕ་མ་དང་ལྟ་སྐྱོང་བྱེད་མི་གཞན་དག་ཡིན་ན། ཁྱེད་ཀྱིས་ལྟ་སྐྱོང་བྱེད་པའི་བྱིས་པས་ཁྱེད་ཀྱི་མོས་མཐུན་དང་མཛུབ་སྟོན་འོག་ང་ཚོའི་ཞབས་ཞུ་བེད་སྤྱོད་པ་དང་ང་ཚོར་ཆ་འཕྲིན་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་རོགས།

3 ཁྱེད་ཀྱི་སྒེར་གྱི་ཆ་འཕྲིན་ལ་དོ་དམ་བྱེད་པ།

ཧྭ་ཝེ་ཡིས་ཁྱེད་ཀྱིས་སྒེར་གྱི་ཆ་འཕྲིན་ལ་དོ་ཁུར་བྱེད་པར་བརྩི་འཇོག་ཆེན་པོ་བྱེད། གལ་ཏེ་ཁྱེད་ཀྱིས་ཁྱེད་ཀྱི་གཞི་གྲངས་གྲུབ་ཆ་གཙོ་བོའི་ཁེ་དབང་ལ་གོམ་གང་མདུན་སྤོས་ཀྱི་རེ་འདུན་ཡོད་པའམ་དོགས་གནད་དང་བསམ་འཆར། ཡང་ན་གྲོས་འགོ་གང་རུང་ཡོད་ཚེ། གསལ་བསྒྲགས་འདིའི་ནང་ཇི་ལྟར་ང་ཚོར་འབྲེལ་གཏུག་བྱེད་ཅེས་པའི་ས་བཅད་ནང་དུ་བརྗོད་པའི་བྱ་ཐབས་བརྒྱུད་ནས་ང་ཚོ་དང་འབྲེལ་གཏུག་གནང་བ་མ་ཟད། ཁྱེད་ཀྱི་འབྲེལ་ཡོད་ཁེ་དབང་ལག་ལེན་བསྟར་ཆོག

4 ཆ་འཕྲིན་ཉར་ཚགས་བྱེད་པའི་ས་གནས་དང་དུས་བཅད།

གོང་གསལ་ཆ་འཕྲིན་དག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་ཞབས་ཞུ་ཆས་ཐོག་བརྒྱུད་གཏོང་དང་ཉར་ཚགས་བྱེད།

ང་ཚོས་གསལ་བསྒྲགས་འདིར་བརྗོད་པའི་དམིགས་ཡུལ་མངོན་འགྱུར་ཡོང་བར་ངེས་པར་དགོས་པའི་དུས་ཚོད་ཁོ་ནའི་ནང་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་ཉར་གསོག་བྱེད་པ་མ་ཟད། གཤམ་དུ་བརྗོད་པའི་ཉར་གསོག་གི་དུས་ཚོད་ལས་བརྒལ་རྗེས་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་གསུབ་པའམ་མིང་མི་འགོད་པའི་ཐོག་ནས་ཐག་གཅོད་བྱེད། འོན་ཀྱང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་ཟུར་དུ་རེ་བ་བཏོན་ཡོད་པ་ཕུད།

ང་ཚོས་ཁྱེད་ཀྱི་སྒྲིག་ཆས་ཁྲོད་འཚོལ་སྡུད་བྱས་པའི་གཞི་གྲངས་རྣམས་ཞབས་ཞུ་ཆས་སུ་ལོ་ 2 ལ་ཉར་ཚགས་བྱེད།

དེ་མིན། ང་ཚོའི་ཐོན་རྫས་སམ་ཞབས་ཞུ་ལ་འཁོར་གཉེར་བྱེད་མཚམས་འཇོག་པའི་གནས་ཚུལ་བྱུང་དུས། ང་ཚོས་བརྡ་ཐོ་མཉམ་གཏོང་དང་སྤྱི་བསྒྲགས་སོགས་ཀྱི་རྣམ་པས་ཁྱེད་ལ་བརྡ་ཐོ་གཏོང་བ་དང་། མ་ཟད་ལུགས་མཐུན་གྱི་དུས་བཀག་ནང་ཁྱེད་ཀྱི་མི་སྒེར་གྱི་ཆ་འཕྲིན་བསུབ་པའམ་ཡང་ན་མིང་མི་འགོད་པའི་ཐག་གཅོད་བྱེད།

5 ཇི་ལྟར་ང་ཚོར་འབྲེལ་གཏུག་བྱེད།

ང་ཚོས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཀྱི་འགན་ཁུར་མི་སྣ་དམིགས་འཛུགས་བྱས་ཡོད། ཁྱེད་ཀྱིས་སྦྲེལ་མཐུད་འདི་ (https://consumer.huawei.com/cn/legal/privacy-questions/) བརྒྱུད་ནས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཀྱི་འགན་ཁུར་མི་སྣར་འབྲེལ་གཏུག་བྱ་ཆོག ཁྱེད་ཀྱིས་ཀྱང་སྒེར་གསང་གནད་དོན་ (https://consumer.huawei.com/cn/legal/privacy-questions/) གྱི་དྲ་ངོས་ལ་ལྟ་སྤྱོད་བྱས་ནས་ནས་ང་ཚོར་འབྲེལ་གཏུག་བྱ་ཆོག ང་ཚོས་གང་མགྱོགས་ངང་ལན་བསློག་སྲིད།

གལ་ཏེ་ང་ཚོས་ལན་བསློགས་པ་དེ་ཁྱེད་ཀྱི་བློར་མི་འབབ་པ་དང་། ལྷག་པར་དུ་ང་ཚོས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་གི་བྱ་སྤྱོད་ཀྱིས་ཁྱེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་ཡིན་ཚེ། ཁྱེད་ཀྱིས་དོ་དམ་དབང་ཆ་ཡོད་པའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་པ་དང་། ལས་རིགས་རང་བདག་མཐུན་ཚོགས་སམ་སྲིད་གཞུང་གི་འབྲེལ་ཡོད་དོ་དམ་ལས་ཁུངས་ལ་ཞུ་གཏུག་བྱེད་པ་སོགས་ཀྱི་ཕྱི་རོལ་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱ་ཆོག ཁྱེད་ཀྱིས་ཀྱང་ང་ཚོ་ནས་སྤྱད་འཐུས་ཡིན་སྲིད་པའི་འབྲེལ་ཡོད་ཐེར་འདོན་བྱ་ཐབས་ཐད་ཀྱི་ཆ་འཕྲིན་ལ་ཤེས་རྟོགས་བྱེད་ཆོག

ཧྭ་ཝེ་ཡིས་ཐོག་མཐའ་བར་གསུམ་དུ་ང་ཚོའི་སྒེར་གསང་སྲིད་ཇུས་ལ་བརྩི་སྲུང་ཞུས་ནས་ཁྱེད་ཀྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱ་སྲིད། ང་ཚོའི་སྒེར་གསང་སྲིད་ཇུས་ཀྱི་སྐོར་ནས། ཧྭ་ཝེའི་འཛད་སྤྱོད་པའི་ལས་སྒོའི་སྒེར་གསང་གསལ་བསྒྲགས་ (https://consumer.huawei.com/minisite/legal/privacy/statement.htm?code=CN&language=bo-cn) ལ་གཟིགས་ཆོག